Catalog entry rKTs-B1789
མཁའ་ཀློང་གསང་བའི་བསད་མདེལ
mkha' klong gsang ba'i bsad mdel




Bkt9.35

མཁའ་ཀློང་གསང་བའི་བསད་མདེལ
mkha' klong gsang ba'i bsad mdel


Location
set MW30498: volume spyi spungs mkha' klong - folios 1a1-10a3

Colophon
ཡུལ་ནི་ཁྲིམས་སྡེ་ཀུན་གསལ་དུ། བོན་གཤེན་མཁས་པ་མང་འདུས་ནས། མཁའ་ཀློང་གསང་བའི་མདོས་ཆེན་བྱས། གུག་གེའི་མི་སྡེ་ཆམ་ལ་ཕབས། དེ་ནས་ཧྲིས་པ་གྱེར་མེད་ལ། སེ་རབ་རྒྱལ་པོ་དགྲ་རུ་ལང་། བསད་པ་མདོས་(ཀྱི)་འཁྲུལ་འཁོར་བཅས། དེས་ཀྱང་ཕྱི་མའི་གནས་སུ་བསྒྲལ། དེ་ནས་ཞང་ཞུང་པྲ་ཕུད་ལ། ཉེ་བ་དགྲ་རུ་ལང་པ་ལ། མཁའ་ཀློང་གསང་བའི་མདོས་ཆེན་བཤམས། དེ་ཡང་བརྣག་པས་གྲན་དུ་བསྒྲལ། དེ་ནས་གཤེན་རབས་རིམ་གྱིས་ནི། བསད་མདོས་བཅས་ཤིང་གྲན་རྣམས་བསྒྲལ། དེ་ནས་གཤེན་རབས་རིམ་གྱིས་ཕྱག་ཏུ་བསྣམས། དམུ་ཙ་གྱེར་མེད་ཁོང་ལ་གདམས། ལེན་གཅིག་དུས་ཀྱི་རྒྱལ་པོ་ཡི། གཡུང་དྲུང་བོན་གྱིས་(གྱི)་སྡེ་རྣམས་ཀུན། རིན་ཆེན་གཏེར་མཛོད་ཀུན་དུ་སྦས། སྒྲུབ་ཁང་གཏིང་རྫོགས་སྡེ་རྣམས། ཞི་ཁྲོ་པང་ཁོང་ལ་སོགས་རྣམས། དྲན་པ་ཐུགས་ཀྱི་གསང་གཏེར་དུ། དམུ་ཙ་གྱེར་མེད་ར་སངས་ཀྱིས། ཕྱི་རབས་གཤེན་གྱི་དོན་དུ། རྒྱུང་སྲུབ་གསང་བའི་བྲག་ལ་སྦས། ཧྲིས་པའི་སྨོན་ལམ་མཐུ་བཙན་པས། གསང་བོན་གཅིག་གིས་རྙེད་པར་ཤོག་བསྐང་(སྐོང)་བའི་རྒྱལ་པོ་ཟིལ་གནོན་པས། སྒྲུབ་ཁང་གཏིང་རྫོགས་ཞལ་ཡང་ཕྱེས། ངེས་བྱས་བོན་ཡིན་སྒྲོགས་པར་བྱ། དེ་ནས་གོ་ལེ་རིམ་གྱིས་སྤེལ། ནོར་བུ་ལྟ་བུ་འགྱུར་བ་ཡིན། ཀུན་དུ་དར་ཞིང་འཕེལ་བའི་རྒྱུ། ལོག་རྟོག་ངན་པ་ཞི་བར་འགྱུར། དམ་ཉམས་རྒྱལ་བློན་རུ་ཏྲའི་སྡེ། རྗེ་སྲོག་འབངས་ཀྱིས་བཅད་རྒྱུད་ཡིན། མཁས་མང་གཡུང་དྲུང་བོན་དར་འགྱུར། ཅེས་གསུངས་སོ། ཨུ་ཡ་སྨྲར་རོ། །དེ་ནས་འོར་སྒོམ་གྱིས་དཀའ་བ་སྤྱད་ནས། ལྕགས་ཕོ་སྤྲེལ་བུ་ལོ་ལ་ཐོན། ཡས་བཙུན་བདག་ལ་གནང་བའོ།།
yul ni khrims sde kun gsal du/ bon gshen mkhas pa mang 'dus nas/ mkha' klong gsang ba'i mdos chen byas/ gug ge'i mi sde cham la phabs/ de nas hris pa gyer med la/ se rab rgyal po dgra ru lang / bsad pa mdos (kyi) 'khrul 'khor bcas/ des kyang phyi ma'i gnas su bsgral/ de nas zhang zhung pra phud la/ nye ba dgra ru lang pa la/ mkha' klong gsang ba'i mdos chen bshams/ de yang brnag pas gran du bsgral/ de nas gshen rabs rim gyis ni/ bsad mdos bcas shing gran rnams bsgral/ de nas gshen rabs rim gyis phyag tu bsnams/ dmu tsa gyer med khong la gdams/ len gcig dus kyi rgyal po yi/ g.yung drung bon gyis (gyi) sde rnams kun/ rin chen gter mdzod kun du sbas/ sgrub khang gting rdzogs sde rnams/ zhi khro pang khong la sogs rnams/ dran pa thugs kyi gsang gter du/ dmu tsa gyer med ra sangs kyis/ phyi rabs gshen gyi don du/ rgyung srub gsang ba'i brag la sbas/ hris pa'i smon lam mthu btsan pas/ gsang bon gcig gis rnyed par shog bskang (skong) ba'i rgyal po zil gnon pas/ sgrub khang gting rdzogs zhal yang phyes/ nges byas bon yin sgrogs par bya/ de nas go le rim gyis spel/ nor bu lta bu 'gyur ba yin/ kun du dar zhing 'phel ba'i rgyu/ log rtog ngan pa zhi bar 'gyur/ dam nyams rgyal blon ru tra'i sde/ rje srog 'bangs kyis bcad rgyud yin/ mkhas mang g.yung drung bon dar 'gyur/ ces gsungs so/ u ya smrar ro/ /de nas 'or sgom gyis dka' ba spyad nas/ lcags pho sprel bu lo la thon/ yas btsun bdag la gnang ba'o//


Additional miscellaneous Collections

Mongolian Canon


source rKTs &