Catalog entry rKTs-B1673
སྤྱི་སྤུངས་གབ་པ་གསུང་ཆེན་ཁྲོ་བོ་ལྷ་རྒོད་ཐོག་པའི་རྒྱུད་ལས་དམར་ཆེན་དྲག་པོའི་གཏོར་ཟློག་ཁྲག་རྐོང་དམར་པོའི་འཆོལ་མདོས
spyi spungs gab pa gsung chen khro bo lha rgod thog pa'i rgyud las dmar chen drag po'i gtor zlog khrag rkong dmar po'i 'chol mdos




Bkt7.26

སྤྱི་སྤུངས་གབ་པ་གསུང་ཆེན་ཁྲོ་བོ་ལྷ་རྒོད་ཐོག་པའི་རྒྱུད་ལས་དམར་ཆེན་དྲག་པོའི་གཏོར་ཟློག་ཁྲག་རྐོང་དམར་པོའི་འཆོལ་མདོས
spyi spungs gab pa gsung chen khro bo lha rgod thog pa'i rgyud las dmar chen drag po'i gtor zlog khrag rkong dmar po'i 'chol mdos


Location
set MW30498: volume stag slag lha rgod - folios 1a1-25a4

Colophon
གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ཀྱི་ནང་ནས་གབ་པ་གསུང་མཆོག་མངོན་དུ་ཕྱུང་བ་ཁྲོ་བོ་ལྷ་རྒོད་ཐོག་པའི་རྒྱུད་ལས་དམར་ཆེན་དྲག་པོའི་གཏོར་བཟློག་བྱད་མ་སྒྲོལ་བའི་རྐུང་ཡིག། ཁྲག་རྐོང་དམར་པོའི་འཆོལ་མདོས་འདི་ཡང་། འཆི་མེད་ཡུམ་སྲས་གཤེན་གསུམ་ནས་གདུང་རབས་རིམ་བཞིན་དུ་བརྒྱུད་ནས། བླ་ཆེན་དྲན་པ་ནམ་མཁའ་ལ་བརྒྱུད། གཤེན་པོ་དེ་ཡི་རིང་ལ། ནམ་མཁའ་སྟོང་པ་ལ་རླུང་གི་འཁོར་ལོས་དབང་བསྒྱུར་ཏེ། གཡུང་དྲུང་བོན་གྱི་བསྟན་པ་འཆར་ནུབ་ཀྱི་སྐབས་སུ། བསྟན་པ་རིན་པོ་ཆེ་གཏེར་དུ་གཤེགས་ཏེ། བོན་འདི་རྒྱས་འབྲིང་བསྡུས་པ་གསུམ་དུ་ཕྱེས་ཏེ། ཆ་ཅིག་དང་ར་ཁྱུང་རྫོང་ལ་སྦས། ཆ་གཅིག་ཐུགས་ལ་གབ། ཆ་གཅིག་སྲིད་པའི་རྒྱལ་མོ་ལ་གཉེར་དུ་བཅོལ། ཕྱིས་སུ་ལྔ་སྙིགས་འདུལ་བའི་དབལ་བོན་ཁྲོ་བོ་ལྷ་རྒོད་ཐོག་པའི་ཐུགས་ལས་ཆད་པའི་བུ། དབལ་འབར་སྟག་སླག་ཅན་ལ་སྲིད་པའི་རྒྱལ་མོས་སྙན་དུ་བརྒྱུད་ནས་བསྟན་པ་མི་ནུབ་དར་བའི་རྒྱུ་ལགས་པས། དབལ་གཤེན་དེ་ཉིད་ཀྱི་རིང་ལ་གདུལ་བྱའི་སྨིན་གྲོལ་རྒྱ་ཆེ་བ་དང་། སྙིགས་མའི་འགྲོ་རྣམས་ལས་འཕྲོ་ཞན་སྟབས་ཕེབས་པ་མ་གྱུར་ཀྱང་། ཕྲན་རང་ལ་བོན་སྒོ་འདི་ཡི་གཏད་གཉེར་ཡང་ཡང་བྱུང་བས། ཕྱིས་སུ་གྱིམ་ཤོད་ཤེལ་བྲག་མཇལ་སྐབས་སུ། མ་ཅིག་སྲིད་རྒྱལ་ཁྲོ་མོའི་ཚུལ་གྱིས་བཀའ་ཡི་བཀྱོན་པ་དང་བཅས་ཏེ་སྙན་དུ་བརྒྱུད་པའོ། ཕྱིས་སུ་སྤྲུལ་པའི་སྐུ་མཆོག་རིན་པོ་ཆེ་ཀུན་དགའ་རྒྱལ་མཚན་གྱིས་རིན་ཆེན་མཎྜལ་བཟང་པོས་སྣ་དྲངས་ནས་བཀའ་གསུང་ཕེབ་པ་དང་། རང་སློབ་འགའ་ཡིས་ནན་ཆེར་བསྐུལ་བ་ལ་བརྟེན་ནས། ལྡོང་རིགས་ཀྱི་བཙུན་པ་དེང་སང་གི་གདག་བྱར་གྱུར་བ་གཡུང་དྲུང་རྒྱལ་མཚན་དབང་གི་རྒྱལ་པོར་འབོད་པ་བདག་གིས། མ་ཅིག་སྲིད་རྒྱལ་གྱིས་བཀའ་བཞིན་ཕྲལ་དུ་སྤེལ་བས། ཡི་གེ་པ་ནི་བསྒྲེས་པོ་ས་ཏྲིག་མིང་གིས་ཟློས་གར་བསྒྱུར་ཏེ་སྤེལ་བའོ།།
gsas mkhar rin po che spyi spungs kyi nang nas gab pa gsung mchog mngon du phyung ba khro bo lha rgod thog pa'i rgyud las dmar chen drag po'i gtor bzlog byad ma sgrol ba'i rkung yig/ khrag rkong dmar po'i 'chol mdos 'di yang / 'chi med yum sras gshen gsum nas gdung rabs rim bzhin du brgyud nas/ bla chen dran pa nam mkha' la brgyud/ gshen po de yi ring la/ nam mkha' stong pa la rlung gi 'khor los dbang bsgyur te/ g.yung drung bon gyi bstan pa 'char nub kyi skabs su/ bstan pa rin po che gter du gshegs te/ bon 'di rgyas 'bring bsdus pa gsum du phyes te/ cha cig dang ra khyung rdzong la sbas/ cha gcig thugs la gab/ cha gcig srid pa'i rgyal mo la gnyer du bcol/ phyis su lnga snyigs 'dul ba'i dbal bon khro bo lha rgod thog pa'i thugs las chad pa'i bu/ dbal 'bar stag slag can la srid pa'i rgyal mos snyan du brgyud nas bstan pa mi nub dar ba'i rgyu lags pas/ dbal gshen de nyid kyi ring la gdul bya'i smin grol rgya che ba dang / snyigs ma'i 'gro rnams las 'phro zhan stabs phebs pa ma gyur kyang / phran rang la bon sgo 'di yi gtad gnyer yang yang byung bas/ phyis su gyim shod shel brag mjal skabs su/ ma cig srid rgyal khro mo'i tshul gyis bka' yi bkyon pa dang bcas te snyan du brgyud pa'o/ phyis su sprul pa'i sku mchog rin po che kun dga' rgyal mtshan gyis rin chen maN+Dal bzang pos sna drangs nas bka' gsung pheb pa dang / rang slob 'ga' yis nan cher bskul ba la brten nas/ ldong rigs kyi btsun pa deng sang gi gdag byar gyur ba g.yung drung rgyal mtshan dbang gi rgyal por 'bod pa bdag gis/ ma cig srid rgyal gyis bka' bzhin phral du spel bas/ yi ge pa ni bsgres po sa trig ming gis zlos gar bsgyur te spel ba'o//


Additional miscellaneous Collections

Mongolian Canon


source rKTs &