གསས་མཁར་སྤྱི་སྤུངས་གབ་པ་གསུང་ཆེན་ལས་དབལ་ཆེན་ཨེ་ཀའི་གསང་མདོས་ཟློག་པ་ལས་ཀྱི་ཐོག་མདའི་འཁོར་ལོ gsas mkhar spyi spungs gab pa gsung chen las dbal chen e ka'i gsang mdos zlog pa las kyi thog mda'i 'khor lo
གསས་མཁར་སྤྱི་སྤུངས་གབ་པ་གསུང་ཆེན་ལས་དབལ་ཆེན་ཨེ་ཀའི་གསང་མདོས་ཟློག་པ་ལས་ཀྱི་ཐོག་མདའི་འཁོར་ལོ gsas mkhar spyi spungs gab pa gsung chen las dbal chen e ka'i gsang mdos zlog pa las kyi thog mda'i 'khor lo Bkt
Bkt7.24
གསས་མཁར་སྤྱི་སྤུངས་གབ་པ་གསུང་ཆེན་ལས་དབལ་ཆེན་ཨེ་ཀའི་གསང་མདོས་ཟློག་པ་ལས་ཀྱི་ཐོག་མདའི་འཁོར་ལོ gsas mkhar spyi spungs gab pa gsung chen las dbal chen e ka'i gsang mdos zlog pa las kyi thog mda'i 'khor lo
Location
set MW30498: volume stag slag lha rgod - folios 1a1-47a5
Colophon གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ཀྱི་ནང་ནས། གབ་པ་གསུང་མཆོག་མངོན་དུ་ཕྱུང་བ་དབལ་ཆེན་ཨེ་ཀའི་གསང་མདོས་འདི་ཡང་། འཆི་མེད་ཡུམ་སྲས་གཤེན་གསུམ་ནས་གདུང་རབས་རིམ་བཞིན་དུ་བརྒྱུད་དེ་བླ་ཆེན་དྲན་པ་ནམ་མཁའ་ལ་བརྒྱུད། གཤེན་པོ་དེ་ཡི་རིང་ལ་ནམ་མཁའ་སྟོང་པ་ལ་རླུང་གི་འཁོར་ལོས་དབང་བསྒྱུར་ཏེ། གཡུང་དྲུང་བོན་གྱི་བསྟན་པ་འཆར་ནུབ་ཀྱི་སྐབས་སུ་བསྟན་པ་རིན་པོ་ཆེ་གཏེར་དུ་གཤེགས་ཏེ། བོན་འདི་རྒྱས་འབྲིང་བསྡུས་པ་གསུམ་དུ་ཕྱེས་ཏེ། ཆ་ཅིག་དང་ར་ཁྱུང་རྫོང་ལ་སྦས། ཆ་གཅིག་ཐུགས་ལ་གབ། ཆ་གཅིག་སྲིད་པའི་རྒྱལ་མོ་ལ་གཉེར་དུ་བཅོལ། ཕྱིས་སུ་ལྔ་སྙིགས་འདུལ་བའི་དབལ་བོན་ཁྲོ་བོ་ལྷ་རྒོད་ཐོག་པའི་ཐུགས་ལས་ཆད་པའི་བུ། དབལ་འབར་སྟག་སླག་ཅན་ལ་སྲིད་པའི་རྒྱལ་མོས་སྙན་དུ་བརྒྱུད་ནས་བསྟན་པ་མི་ནུབ་དར་བའི་རྒྱུ་ལགས་པས། དབལ་གཤེན་དེ་ཉིད་ཀྱི་རིང་ལ་གདུལ་བྱའི་སྨིན་གྲོལ་རྒྱ་ཆེ་བ་དང*། འགྲོ་རྣམས་ལས་འཕྲོ་ཞན་པ་དང་། དུས་དང་རྐྱེན་གྱིས་འཕྲོ་ལུས་ཤིང་ཕེབ་པ་མ་གྱུར་ཀྱང*། ཕྲན་བུ་རང་ལ་བོན་སྐལ་འདི་ཡི་གཉེར་གཏད་ཡང་ཡང་བྱུང་བ་དང་། ཕྱིས་སུ་གྱིམ་ཤོད་ཤེལ་བྲག་མཇལ་སྐབས་སུ། ཡུམ་ཆེན་སྲིད་རྒྱལ་ཁྲོ་མོའི་ཚུལ་གྱིས་གསང་བའི་རག་ཏས་བསྲེ་བ་མཛད་ནས་བཀའ་ཡིས་བཀྱོན་པ་དང་བཅས་ཏེ་སྙན་དུ་བརྒྱུད་ནས་གདམས་པའོ། དེ་ཕྱིན་དུ་ས་གསུམ་འགྲོ་བའི་མགོན་པོ་ཤ་རི་དབུ་ཆེན་གྱི་སྣང་བརྙན་གྲུབ་དབང་སྨོན་ལམ་གཡུང་དྲུང་བསྟན་པའི་རྒྱལ་མཚན་གྱི་རྗེས་འཇུག་རྒྱལ་ཚབ་སྤྲུལ་པའི་སྐུ་མཆོག་རིན་པོ་ཆེ་ཀུན་དགའ་རྒྱལ་མཚན་གྱིས་དབང་དར་ལེ་རྒན་དམར་པོ་དང་། རིན་ཆེན་མནྜལ་གྱིས་སྣ་དྲངས་ནས་བཀའ་ནན་སྤྱི་བོར་དབབ་པ་དང*། མ་ཟད་རང་སློབ་དགེ་རྒན་ས་ཏྲིག་སམ་སད་དང་མོས་ལྡན་འགའ་ཡིས་བསྐུལ་བ་ལ་བརྟེན་ནས། ཤེལ་སྐྱེས་གཡུང་དྲུང་ཐོགས་མེད་ཀྱིས་གཏན་ལ་ཕབ་པའོ།། gsas mkhar rin po che spyi spungs kyi nang nas/ gab pa gsung mchog mngon du phyung ba dbal chen e ka'i gsang mdos 'di yang / 'chi med yum sras gshen gsum nas gdung rabs rim bzhin du brgyud de bla chen dran pa nam mkha' la brgyud/ gshen po de yi ring la nam mkha' stong pa la rlung gi 'khor los dbang bsgyur te/ g.yung drung bon gyi bstan pa 'char nub kyi skabs su bstan pa rin po che gter du gshegs te/ bon 'di rgyas 'bring bsdus pa gsum du phyes te/ cha cig dang ra khyung rdzong la sbas/ cha gcig thugs la gab/ cha gcig srid pa'i rgyal mo la gnyer du bcol/ phyis su lnga snyigs 'dul ba'i dbal bon khro bo lha rgod thog pa'i thugs las chad pa'i bu/ dbal 'bar stag slag can la srid pa'i rgyal mos snyan du brgyud nas bstan pa mi nub dar ba'i rgyu lags pas/ dbal gshen de nyid kyi ring la gdul bya'i smin grol rgya che ba dang*/ 'gro rnams las 'phro zhan pa dang / dus dang rkyen gyis 'phro lus shing pheb pa ma gyur kyang*/ phran bu rang la bon skal 'di yi gnyer gtad yang yang byung ba dang / phyis su gyim shod shel brag mjal skabs su/ yum chen srid rgyal khro mo'i tshul gyis gsang ba'i rag tas bsre ba mdzad nas bka' yis bkyon pa dang bcas te snyan du brgyud nas gdams pa'o/ de phyin du sa gsum 'gro ba'i mgon po sha ri dbu chen gyi snang brnyan grub dbang smon lam g.yung drung bstan pa'i rgyal mtshan gyi rjes 'jug rgyal tshab sprul pa'i sku mchog rin po che kun dga' rgyal mtshan gyis dbang dar le rgan dmar po dang / rin chen man+Dal gyis sna drangs nas bka' nan spyi bor dbab pa dang*/ ma zad rang slob dge rgan sa trig sam sad dang mos ldan 'ga' yis bskul ba la brten nas/ shel skyes g.yung drung thogs med kyis gtan la phab pa'o//