Catalog entry rKTs-B1669
སྤྱི་སྤུངས་གབ་པ་གསུང་ཆེན་ལས་སྲུང་བའི་ཏན་ཏྲ་གུར་རྫོང་ཆེན་མོ
spyi spungs gab pa gsung chen las srung ba'i tan tra gur rdzong chen mo




Bkt7.22

སྤྱི་སྤུངས་གབ་པ་གསུང་ཆེན་ལས་སྲུང་བའི་ཏན་ཏྲ་གུར་རྫོང་ཆེན་མོ
spyi spungs gab pa gsung chen las srung ba'i tan tra gur rdzong chen mo


Location
set MW30498: volume stag slag lha rgod - folios 1a1-25a2

Colophon
གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ཀྱི་ནང་ནས། གབ་པ་གསུང་མཆོག་མངོན་དུ་ཕྱུང་བ་ཁྲོ་བོ་ལྷ་རྒོད་ཐོག་པའི་རྒྱུད་ལས་སྲུང་བའི་ཕྲིན་ལས་གུར་རྫོང་ཆེན་མོ་ཞེས་བྱ་བ་བསྟན་པ་འདི་ཡང་འཆི་མེད་ཡུམ་སྲས་གཤེན་ནས་གདུང་རབས་རིམ་བཞིན་དུ་བརྒྱུད་ནས་བླ་ཆེན་པོ་དྲན་པ་ནམ་མཁའ་ལ་བརྒྱུད། གཤེན་པོ་དེ་ཡི་རིང་ལ་ནམ་མཁའ་སྟོང་པ་ལ་རླུང་གི་འཁོར་ལོས་དབང་བསྒྱུར་ཏེ། བསྟན་པ་རིན་པོ་ཆེ་གཏེར་དུ་གཤེགས་ཏེ་དུས་དེར་བོན་འདི་རྒྱས་འབྲིང་བསྡུས་གསུམ་དུ་ཕྱེས་ཏེ། ཆ་གཅིག་དང་ར་ཁྱུང་རྫོང་ལ་སྦས། ཆ་གཅིག་ཐུགས་ལ་གབ། ཆ་གཅིག་སྲིད་པའི་རྒྱལ་མོ་ལ་གཉེར་དུ་བཅོལ་ལོ། ཕྱིས་སུ་ལྔ་སྙིགས་གདུལ་དཀའ་འདུལ་བའི་དབལ་བོན་ཁྲོ་བོ་ལྷ་རྒོད་ཐོག་པའི་ཐུགས་ལས་ཆད་པའི་བུ་དབལ་འབར་སྟག་སླག་ཅན་ལ་སྲིད་པའི་རྒྱལ་མོས་སྙན་དུ་བརྒྱུད་ནས་བསྟན་པ་མི་ནུབ་དར་བའི་རྒྱུ་ལགས་པས། དབལ་གཤེན་དེ་ཉིད་གདུལ་བྱའི་འགྲོ་རྣམས་ལ་སྨིན་གྲོལ་རྒྱ་ཆེ་བ་དང*། ཁྱད་པར་གཏེར་སྙན་གྱི་བོན་རྣམས་རྒྱ་ཆེ་སྟབས་དང་། དེང་སང་འགྲོ་རྣམས་ལས་འཕྲོ་ཞན་པ་སོགས་དང་། དུས་དང་རྐྱེན་གྱི་དབང་གིས་འཕྲོ་ལུས་ཤིང་ཕབས་པར་མ་གྱུར་ཀྱང་། ཕྱིས་སུ་ཕྲན་རང་ལའང་བོན་སྒོ་འདི་ཡི་གཉེར་གཏད་ཡང་ཡང་བྱུང་བ་དང་། ཕྱིས་སུ་གྱིམ་ཤོད་ཤེལ་བྲག་མཇལ་སྐབས་སུ་ཡུམ་ཆེན་སྲིད་རྒྱལ་ཁྲོས་མའི་ཚུལ་གྱིས་གསང་བའི་རག་ཏས་དམ་ཚིག་གི་བསྲེ་བ་མཛད་དེས་བཀྱོན་པ་དང་བཅས་ཏེ་གདམས་པའོ། དེ་ཕྱིན་དུ་ཤར་གྲོལ་སྨིན་གླིང་དུ་ཉེ་བར་གུས་འབངས་སོགས་ཀྱིས་མོས་པས་བསྐུལ་བཞིན། ས་སྦྲུལ་ལོར་ཚེ་དབང་བདེ་ཆེན་སྙིང་པོའམ་གཡུང་དྲུང་གྲགས་པ་བསྟན་པའི་རྒྱལ་མཚན་དུ་འབོད་པ་བདག་གིས་གཏན་ལ་ཕབ་སྟེ།།ཡི་གེ་པ་ནི་ས་ཏྲིག་མིང་གིས་ལེགས་པར་བསྐྲུན་པའོ།།
gsas mkhar rin po che spyi spungs kyi nang nas/ gab pa gsung mchog mngon du phyung ba khro bo lha rgod thog pa'i rgyud las srung ba'i phrin las gur rdzong chen mo zhes bya ba bstan pa 'di yang 'chi med yum sras gshen nas gdung rabs rim bzhin du brgyud nas bla chen po dran pa nam mkha' la brgyud/ gshen po de yi ring la nam mkha' stong pa la rlung gi 'khor los dbang bsgyur te/ bstan pa rin po che gter du gshegs te dus der bon 'di rgyas 'bring bsdus gsum du phyes te/ cha gcig dang ra khyung rdzong la sbas/ cha gcig thugs la gab/ cha gcig srid pa'i rgyal mo la gnyer du bcol lo/ phyis su lnga snyigs gdul dka' 'dul ba'i dbal bon khro bo lha rgod thog pa'i thugs las chad pa'i bu dbal 'bar stag slag can la srid pa'i rgyal mos snyan du brgyud nas bstan pa mi nub dar ba'i rgyu lags pas/ dbal gshen de nyid gdul bya'i 'gro rnams la smin grol rgya che ba dang*/ khyad par gter snyan gyi bon rnams rgya che stabs dang / deng sang 'gro rnams las 'phro zhan pa sogs dang / dus dang rkyen gyi dbang gis 'phro lus shing phabs par ma gyur kyang / phyis su phran rang la'ang bon sgo 'di yi gnyer gtad yang yang byung ba dang / phyis su gyim shod shel brag mjal skabs su yum chen srid rgyal khros ma'i tshul gyis gsang ba'i rag tas dam tshig gi bsre ba mdzad des bkyon pa dang bcas te gdams pa'o/ de phyin du shar grol smin gling du nye bar gus 'bangs sogs kyis mos pas bskul bzhin/ sa sbrul lor tshe dbang bde chen snying po'am g.yung drung grags pa bstan pa'i rgyal mtshan du 'bod pa bdag gis gtan la phab ste//yi ge pa ni sa trig ming gis legs par bskrun pa'o//


Additional miscellaneous Collections

Mongolian Canon


source rKTs &