སྤྱི་སྤུངས་གབ་པ་གསུང་ཆེན་ཁྲོ་བོ་ལྷ་རྒོད་ཐོག་པའི་རྒྱུད་ལས་རྒྱལ་མོའི་ཐུགས་ཀྱི་གཟེར་བུ་དབལ་མོའི་སྲོག་གི་ཐེག་ལེ spyi spungs gab pa gsung chen khro bo lha rgod thog pa'i rgyud las rgyal mo'i thugs kyi gzer bu dbal mo'i srog gi theg le
སྤྱི་སྤུངས་གབ་པ་གསུང་ཆེན་ཁྲོ་བོ་ལྷ་རྒོད་ཐོག་པའི་རྒྱུད་ལས་རྒྱལ་མོའི་ཐུགས་ཀྱི་གཟེར་བུ་དབལ་མོའི་སྲོག་གི་ཐེག་ལེ spyi spungs gab pa gsung chen khro bo lha rgod thog pa'i rgyud las rgyal mo'i thugs kyi gzer bu dbal mo'i srog gi theg le Bkt
Bkt7.15
སྤྱི་སྤུངས་གབ་པ་གསུང་ཆེན་ཁྲོ་བོ་ལྷ་རྒོད་ཐོག་པའི་རྒྱུད་ལས་རྒྱལ་མོའི་ཐུགས་ཀྱི་གཟེར་བུ་དབལ་མོའི་སྲོག་གི་ཐེག་ལེ spyi spungs gab pa gsung chen khro bo lha rgod thog pa'i rgyud las rgyal mo'i thugs kyi gzer bu dbal mo'i srog gi theg le
Location
set MW30498: volume stag slag lha rgod - folios 1a1-17b4
Colophon ད་ལྟ་མ་འོང་གི་དུས་སུ། སྡེ་བརྒྱད་འདུལ་བའི་དབལ་བོན་ཁྲོ་བོ་ལྷ་རྒོད་ཐོག་པའི་འོད་ཟེར་ལས་སྤྲུལ་པའི་བུ། དབལ་བོན་སྟག་ལ་མེ་འབར་གྱི་ཐུགས་སྤྲུལ། དབྲ་ཁྱུང་སྔགས་འཆང་དབལ་འབར་སྟག་སླག་ཅན་བདག་ལ་ས་ཕོ་སྤྲེལ་ལོ་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་གྱི་ནངས་པར། ཉི་མ་ཤར་བའི་རྩེ་ལ་གདོས་བཅས་སྣང་ཡོལ་གྱིས་མ་བསྒྲིབ་པར། གཙོ་འཁོར་ཀུན་སྤྲུལ་པ་དང་བཅས་པ། ནམ་མཁའི་དབྱིངས་ནས་མངོན་སུམ་དུ་ཞལ་བསྟན་ནས། སྤྱི་སྤུངས་གབ་པ་གསང་ཆེན་གྱི་རྒྱུད་རྣམས་ཡོངས་སུ་རྫོགས་པར་སྙན་དུ་བརྒྱུད་ནས། བསྟན་པ་བོན་གྱི་མ་དང་སྲིང་མོར་ཞལ་གྱིས་བཞེས་ནས། གསང་བའི་རག་ཏ་མངོན་སུམ་དུ་བྱིན་ཅིང་། དམ་ཚིག་གི་བསྲེ་བ་མཛད་པ་དང་། དུས་རྒྱུན་དུ་མི་འབྲལ་བར་མ་སྲིང་བརྩེ་གདུང་བཞིན་དུ་མཆོད་པའི་སྐོང་ལ་གཤེགས་ཤིང་གྲོགས་མཛད་པ་སོགས་ཀྱི་རྫུ་འཕྲུལ་མང་དུ་བསྟན་ཅིང་། བཀའ་ཡི་སྲུང་མ་གཉན་པོ་རུ་གཡར་དམ་གནས་སོ། དམར་གྱི་ཚོགས་ལ་སྤྱན་འདྲེན་པའི་དུས་སུ། སྲིད་པའི་རྒྱལ་མོ་མངོན་སུམ་གྱིས་རྫུ་འཕྲུལ་མཛད་ཅིང*། བཤམས་པའི་དམ་རྫས་དངོས་སུ་བཞེས་ནས། གདུང་དབྱངས་གླུ་དང་ཆས་ཏེ། ལུང་བསྟན་པའམ་བསྟན་པའི་སྲུང་མ་རུ་མཛད་ཅིང་གཡར་དམ་གཅིག་པའི་ཚིག་འདི་ལྟར་དུ་གསུངས། ཀྱེ་ཀྱེ། དབལ་ཆེན་སྔགས་འཆང་སྤྲུལ་པའི་སྲས། ང་ནི་སྲིད་པའི་རྒྱལ་མོ་སྟེ། དབྱིངས་ཀྱི་བདེ་འགྲོ་ཆེན་མོ་ཡིན། འདས་པའི་དབྱིངས་སུ་ཐབས་རོལ་པ། རྫུ་འཕྲུལ་སྤྲུལ་པའི་འོད་ཟེར་ཅན། ལྷ་རྒོད་མཁའ་འགྱིང་ཁ་ཡི་སྐུ། མ་མཆོག་སྲིད་རྒྱལ་ཡུམ་གྱི་དབྱིངས། མཁའ་དང་དབྱིངས་ལ་ཡོངས་དོག་མེད། ཕྱི་དང་ནང་དུ་ཕྱེ་བ་མེད། གཡས་དང་གཡོན་དུ་འགྱུར་བ་མེད། ཐབས་དང་ཤེས་རབ་འབྲལ་བ་མེད། མཁའ་གསལ་ཆུ་ཟླ་གཞའ་ཚོན་འོད། གཞའ་འོད་ཆུ་ལ་ཤར་བ་དེ། ཆུ་ཟླ་གཉིས་སུ་སྣང་བ་མེད། ནམ་མཁའ་དག་པའི་རང་མདངས་གསལ། སྐྱོན་དང་དྲི་མས་དབེན་པ་སྟེ། འཁྲུལ་པའི་ཐེ་ཚོམ་ཕྱི་རོལ་དོར། མ་རིག་རྨོངས་པ་གཉིས་འཛིན་བློ། ཁྱུད་མོ་ཅན་གྱི་ཕ་མཐར་བཟོད། རིག་པའི་ཡེ་ཤེས་ལྡེ་མིག་དེ། རིགས་ཀྱི་བདག་པོའི་ལག་ཏུ་ལོངས། རྒྱལ་བསྟན་རིན་ཆེན་གཡུང་དྲུང་བོན། ཡེ་ཁྱབ་མཁའ་མཐའ་མ་རྫོགས་པར། བསྟན་པའི་སྲུང་མ་བདག་གིས་བྱེད། ཡེ་ནས་གསལ་བའི་མེ་ལོང་ལ། གཉིས་འཛིན་ལྟ་བའི་མ་གོས་ཤིག་དྲུང་མུ་སད་ཝེར་སད་དོ་མཆོག། ལས་ཀྱི་ལྷ་རྒོད་མཁའ་འགྱིང་ཁ། དུངས་དུངས་འབོད་པའི་མི་གང་དེ། རྒྱུན་དུ་བོན་ཉིད་ཡུམ་གྱི་ཀློང་། སྦས་པའི་གུར་དུ་བདག་རོལ་ནས། བློ་ཕྱིར་ལྟོས་པའི་སེམས་མཁན་དེ། ཁྱུད་མོ་འཁོར་བའི་མཐར་བོར་ཅིག་དེ་སྐད་གསུང་ཞིང་བསྟན་པ་སྲུང་བར་ཞལ་འཆེས་མང་དུ་ཐོབ་སོ་(བོ།)དེ་ལྟར་རྒྱལ་མོའི་ཐུགས་ཀྱི་གཟེར་བུ། གསང་ཞིང་གཅེས་པའི་མན་ངག་ཤིན་ཏུ་བརྣག་པའི་བརྣག་པ། བོན་གྱི་བསྟན་པ་སྲུང་བའི། དམ་ཅན་གཉན་མོའི་ཕྲིན་ལས། ཨུ་ཡ་ས་མ་ཡ།། da lta ma 'ong gi dus su/ sde brgyad 'dul ba'i dbal bon khro bo lha rgod thog pa'i 'od zer las sprul pa'i bu/ dbal bon stag la me 'bar gyi thugs sprul/ dbra khyung sngags 'chang dbal 'bar stag slag can bdag la sa pho sprel lo hor zla bcu gnyis pa'i tshes bcu gsum gyi nangs par/ nyi ma shar ba'i rtse la gdos bcas snang yol gyis ma bsgrib par/ gtso 'khor kun sprul pa dang bcas pa/ nam mkha'i dbyings nas mngon sum du zhal bstan nas/ spyi spungs gab pa gsang chen gyi rgyud rnams yongs su rdzogs par snyan du brgyud nas/ bstan pa bon gyi ma dang sring mor zhal gyis bzhes nas/ gsang ba'i rag ta mngon sum du byin cing / dam tshig gi bsre ba mdzad pa dang / dus rgyun du mi 'bral bar ma sring brtse gdung bzhin du mchod pa'i skong la gshegs shing grogs mdzad pa sogs kyi rdzu 'phrul mang du bstan cing / bka' yi srung ma gnyan po ru g.yar dam gnas so/ dmar gyi tshogs la spyan 'dren pa'i dus su/ srid pa'i rgyal mo mngon sum gyis rdzu 'phrul mdzad cing*/ bshams pa'i dam rdzas dngos su bzhes nas/ gdung dbyangs glu dang chas te/ lung bstan pa'am bstan pa'i srung ma ru mdzad cing g.yar dam gcig pa'i tshig 'di ltar du gsungs/ kye kye/ dbal chen sngags 'chang sprul pa'i sras/ nga ni srid pa'i rgyal mo ste/ dbyings kyi bde 'gro chen mo yin/ 'das pa'i dbyings su thabs rol pa/ rdzu 'phrul sprul pa'i 'od zer can/ lha rgod mkha' 'gying kha yi sku/ ma mchog srid rgyal yum gyi dbyings/ mkha' dang dbyings la yongs dog med/ phyi dang nang du phye ba med/ g.yas dang g.yon du 'gyur ba med/ thabs dang shes rab 'bral ba med/ mkha' gsal chu zla gzha' tshon 'od/ gzha' 'od chu la shar ba de/ chu zla gnyis su snang ba med/ nam mkha' dag pa'i rang mdangs gsal/ skyon dang dri mas dben pa ste/ 'khrul pa'i the tshom phyi rol dor/ ma rig rmongs pa gnyis 'dzin blo/ khyud mo can gyi pha mthar bzod/ rig pa'i ye shes lde mig de/ rigs kyi bdag po'i lag tu longs/ rgyal bstan rin chen g.yung drung bon/ ye khyab mkha' mtha' ma rdzogs par/ bstan pa'i srung ma bdag gis byed/ ye nas gsal ba'i me long la/ gnyis 'dzin lta ba'i ma gos shig drung mu sad wer sad do mchog/ las kyi lha rgod mkha' 'gying kha/ dungs dungs 'bod pa'i mi gang de/ rgyun du bon nyid yum gyi klong / sbas pa'i gur du bdag rol nas/ blo phyir ltos pa'i sems mkhan de/ khyud mo 'khor ba'i mthar bor cig de skad gsung zhing bstan pa srung bar zhal 'ches mang du thob so (bo/)de ltar rgyal mo'i thugs kyi gzer bu/ gsang zhing gces pa'i man ngag shin tu brnag pa'i brnag pa/ bon gyi bstan pa srung ba'i/ dam can gnyan mo'i phrin las/ u ya sa ma ya//