Catalog entry rKTs-B1661
སྤྱི་སྤུངས་གབ་པ་གསུང་ཆེན་ལས་ཁྲོ་རྒྱལ་ལྷ་རྒོད་ཐོག་པའི་ཞི་ཁྲོ་དབྱིངས་ཀྱི་བསྐང་བཤགས
spyi spungs gab pa gsung chen las khro rgyal lha rgod thog pa'i zhi khro dbyings kyi bskang bshags




Bkt7.14

སྤྱི་སྤུངས་གབ་པ་གསུང་ཆེན་ལས་ཁྲོ་རྒྱལ་ལྷ་རྒོད་ཐོག་པའི་ཞི་ཁྲོ་དབྱིངས་ཀྱི་བསྐང་བཤགས
spyi spungs gab pa gsung chen las khro rgyal lha rgod thog pa'i zhi khro dbyings kyi bskang bshags


Location
set MW30498: volume stag slag lha rgod - folios 1a1-24a3

Colophon
ཅེས་པ་གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ཀྱི་ནང་ནས། གབ་པ་གསུང་ཆེན་ཁྲོ་མཆོག་ལྷ་རྒོད་ཐོག་པའི་རྒྱུད་ལས། ཞི་ཁྲོ་དབྱིངས་ཀྱི་སྐོང་རྫོགས་ཆེན་མོ་འདི་ཡང་། འཆི་མེད་ཡབ་སྲས་གཤེན་གསུམ་གྱིས་གཏན་ལ་ཕབ་ཅིང་། དབལ་གཤེན་སྟག་ལ་མེ་འབར་གཉེར་དུ་གཏད་ནས། གདུང་རབས་རིམ་བཞིན་དུ་བརྒྱུད་དེ་མཁས་པ་མི་བཞིའི་རིངས་ལ་གཡུང་དྲུང་གི་བོན་རབ་ཏུ་གཉན་པར་བཞུགས། དུས་རེས་ཤིག་ན་ནམ་མཁའ་སྟོང་པ་ལ་རླུང་གི་འཁོར་ལོས་དབང་བསྒྱུར་ཏེ། བསྟན་པ་དར་ནུབ་ཀྱི་སྐབས་སུ། གཏེར་ཁ་ཆ་ཅིག་དང་ར་ཁྱུང་རྫོང་ལ་སྦས། ཆ་གཅིག་བླ་ཆེན་དྲན་པའི་ཐུགས་ལ་གབ། ཆ་གཅིག་སྲིད་པའི་རྒྱལ་མོ་ལ་གཉེར་དུ་གཏད་ནས་བཅོལ་ལོ། ཕྱིས་སུ་སྙིགས་མ་རྩོད་ལྡན་ལྔ་ཡི་དུས་ཀྱི་བསྐལ་པ་ལ། སྡེ་བརྒྱད་འདུལ་བའི་དབལ་བོན་ཁྲོ་བོ་ལྷ་རྒོད་ཐོག་པའི་ཐུགས་ཀྱི་འོད་ཟེར་ལས་སྤྲུལ་པའི། སྟག་ལའི་ཐུགས་སྲས་དབྲ་ཁྱུང་སྔགས་འཆང་དབལ་འབར་སྟག་སླག་ཅན་ལ་སྙན་དུ་བརྒྱུད་ཅིང་དར་བའི་རྒྱུ་ལགས་པ་ལ། སྙིགས་མའི་དུས་སུ་མི་རྣམས་ལས་འཕྲོ་ཞན་པ་དང་། དབལ་གཤེན་དེ་ཉིད་ཀྱིས་གདུལ་བྱའི་འགྲོ་རྣམས་རེ་འདོད་རྒྱ་ཆེན་སྐོང་དགོས་སྟབས། འཕྲོ་ལུས་སོང་ཀྱང་(ཡང་།)དབལ་གཤེན་དེ་ཉིད་ཀྱི་ཕྱག་ལེན་གྲུབ་པའི་ཤོག་དྲིལ་ཡོད་ཚད་བསྟན་འགྲོའི་མིག་སྨན་དུ་གྱུར་བའི་7དབྲ་ཁྱུང་བླ་མ་གཡུང་དྲུང་ནས་བཀའ་དྲི་མེད་ཁྱུང་ཆེན་གཙུག་གི་ནོར་བུ་འདྲ་བའི་གདམས་པ་དེ་ཉིད་སུམ་གླང་གྱིམ་ཤོད་དུ་སྤྱན་དྲངས་ཏེ། བསྟན་འགྲོར་ཕན་པའི་ཐུགས་བསྐྱེད་མི་དམན་པར་གནང་བཞིན། ཕྲན་བདག་གི་སྤྱི་བོར་ཕེབ་པ་ལ། བདག་གིས་ལྷ་དབང་ལག་གི་ནོར་བུ་འཆང་བ་ལྟར་དུ་བགྱིས་ནས་ཡོད་སྐབས། རང་དང་མཆེད་གྲོགས་གསུམ་ཙམ་མུན་མཚམས་ཞེ་དགུ་ལ་བསྡད་པའི་ཐུན་མཚམས་ལ། གསས་མཁར་འདི་ཡི་དཀྱིལ་འཁོར་མངོན་ཞལ་བསྟན་ཏེ། བཀའ་གཏད་རྗེས་གནང་གཏད་གཉེར་མཛད་པའི་སྣང་ཆ་བྱུང་བ་དང་། མ་ཟད་གྱིམ་ཤོད་ཤེལ་ལེ་རྒྱ་སྐར་མཇལ་དུ་སོང་བའི་ནུབ་མོར། དབལ་གཤེན་སྟག་སླག་ཅན་དང་མ་ཅིག་སྲིད་རྒྱལ་མོ་གཉིས་མངོན་སུམ་ཞལ་བསྟན་ཏེ། དབང་ལུང་མན་ངག་ཡོངས་རྫོགས་མཛད་ཅིང་། འཕྲོ་ལུས་རྣམས་སྤེལ་དགོས་པའི་གཉེར་གཏད་གནང་ཞིང*། གསང་བས་རག་ཏས་བསྲེ་བ་མཛད་དེ་བཀའ་ཡི་བཀྱོན་པ་ཆར་ལྟར་ཕབ་ཅིང་ཡང་ཡང་གསུང་གནང་མཛད་པ་ལ་བརྟེན་ནས། ཤར་གྲོལ་སྨིན་གྲོལ་གླིང་དུ་མ་ཅིག་ལྷ་མོ་མ་ཅིག་བུ་གདུང་གི་ཚུལ་དུ་འགྲོགས་པའི་དྷ་ན་ཙི་ཏ་ཧྲི་ཧོ་ཅེས་མིང་ཐོག་པ། ཚེ་དབང་བླ་མའི་རྗེས་འབྲེང་ཚེ་དབང་བདེ་ཆེན་སྙིང་པོའམ་གསང་མིང་གཡུང་དྲུང་ཐོག་མེད་རྩལ་དུ་འབོད་པ་བདག་ལ། སྙིང་སློབ་བསྒྲེས་པོ་ཤེས་རབ་ཕུན་ཚོགས་ཀྱིས་དད་པས་ཡང་ཡང་བསྐུལ་བའི་ངོར། མ་ཅིག་སྲིད་པའི་རྒྱལ་མོའི་ཞལ་ལུང་བཞིན་དུ་དཀར་ཆག་ཡི་གེར་བཏབ་པ་བཞིན་ཐོག་མར་དྲུང་ཡིག་པ་བཙུན་གཟུགས་ས་ཏྲིག་མིང་གིས་ལེགས་པར་བསྐྲུན་པའོ།།
ces pa gsas mkhar rin po che spyi spungs kyi nang nas/ gab pa gsung chen khro mchog lha rgod thog pa'i rgyud las/ zhi khro dbyings kyi skong rdzogs chen mo 'di yang / 'chi med yab sras gshen gsum gyis gtan la phab cing / dbal gshen stag la me 'bar gnyer du gtad nas/ gdung rabs rim bzhin du brgyud de mkhas pa mi bzhi'i rings la g.yung drung gi bon rab tu gnyan par bzhugs/ dus res shig na nam mkha' stong pa la rlung gi 'khor los dbang bsgyur te/ bstan pa dar nub kyi skabs su/ gter kha cha cig dang ra khyung rdzong la sbas/ cha gcig bla chen dran pa'i thugs la gab/ cha gcig srid pa'i rgyal mo la gnyer du gtad nas bcol lo/ phyis su snyigs ma rtsod ldan lnga yi dus kyi bskal pa la/ sde brgyad 'dul ba'i dbal bon khro bo lha rgod thog pa'i thugs kyi 'od zer las sprul pa'i/ stag la'i thugs sras dbra khyung sngags 'chang dbal 'bar stag slag can la snyan du brgyud cing dar ba'i rgyu lags pa la/ snyigs ma'i dus su mi rnams las 'phro zhan pa dang / dbal gshen de nyid kyis gdul bya'i 'gro rnams re 'dod rgya chen skong dgos stabs/ 'phro lus song kyang (yang /)dbal gshen de nyid kyi phyag len grub pa'i shog dril yod tshad bstan 'gro'i mig sman du gyur ba'i 7dbra khyung bla ma g.yung drung nas bka' dri med khyung chen gtsug gi nor bu 'dra ba'i gdams pa de nyid sum glang gyim shod du spyan drangs te/ bstan 'gror phan pa'i thugs bskyed mi dman par gnang bzhin/ phran bdag gi spyi bor pheb pa la/ bdag gis lha dbang lag gi nor bu 'chang ba ltar du bgyis nas yod skabs/ rang dang mched grogs gsum tsam mun mtshams zhe dgu la bsdad pa'i thun mtshams la/ gsas mkhar 'di yi dkyil 'khor mngon zhal bstan te/ bka' gtad rjes gnang gtad gnyer mdzad pa'i snang cha byung ba dang / ma zad gyim shod shel le rgya skar mjal du song ba'i nub mor/ dbal gshen stag slag can dang ma cig srid rgyal mo gnyis mngon sum zhal bstan te/ dbang lung man ngag yongs rdzogs mdzad cing / 'phro lus rnams spel dgos pa'i gnyer gtad gnang zhing*/ gsang bas rag tas bsre ba mdzad de bka' yi bkyon pa char ltar phab cing yang yang gsung gnang mdzad pa la brten nas/ shar grol smin grol gling du ma cig lha mo ma cig bu gdung gi tshul du 'grogs pa'i d+ha na tsi ta hri ho ces ming thog pa/ tshe dbang bla ma'i rjes 'breng tshe dbang bde chen snying po'am gsang ming g.yung drung thog med rtsal du 'bod pa bdag la/ snying slob bsgres po shes rab phun tshogs kyis dad pas yang yang bskul ba'i ngor/ ma cig srid pa'i rgyal mo'i zhal lung bzhin du dkar chag yi ger btab pa bzhin thog mar drung yig pa btsun gzugs sa trig ming gis legs par bskrun pa'o//


Additional miscellaneous Collections

Mongolian Canon


source rKTs &