སྤྱི་སྤུངས་གབ་པ་གསུང་མཆོག་ཐུགས་ཀྱི་བརྣག་པ་ཁྲོ་བོ་ལྷ་རྒོད་ཐོག་པའི་སྒྲུབ་གཞུང spyi spungs gab pa gsung mchog thugs kyi brnag pa khro bo lha rgod thog pa'i sgrub gzhung
སྤྱི་སྤུངས་གབ་པ་གསུང་མཆོག་ཐུགས་ཀྱི་བརྣག་པ་ཁྲོ་བོ་ལྷ་རྒོད་ཐོག་པའི་སྒྲུབ་གཞུང spyi spungs gab pa gsung mchog thugs kyi brnag pa khro bo lha rgod thog pa'i sgrub gzhung Bkt
Bkt7.13
སྤྱི་སྤུངས་གབ་པ་གསུང་མཆོག་ཐུགས་ཀྱི་བརྣག་པ་ཁྲོ་བོ་ལྷ་རྒོད་ཐོག་པའི་སྒྲུབ་གཞུང spyi spungs gab pa gsung mchog thugs kyi brnag pa khro bo lha rgod thog pa'i sgrub gzhung
Location
set MW30498: volume stag slag lha rgod - folios 1a1-96a3
Colophon བོན་འདི་ནི་གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ཀྱི་ནང་ནས། གབ་པ་གསུང་མཆོག་དབལ་ཆེན་ཐུགས་ཀྱི་ཡང་གཟིར་ཁྲོ་བོ་ལྷ་རྒོད་ཐོག་པའི་ཕྲིན་ལས་ཅེས་བྱ་བ། སྟོན་པ་ཡེ་ཤེས་གཙུག་ཕུད་ཀྱིས། ལུང་དོན་རྒྱུད་ལུང་མན་ངག་བཅུད་དུ་དྲིལ་བ། བསྙེན་སྒྲུབ་ལས་ཀྱི་གོ་རིམ་དུ་བསྟན་པ་ལགས་སོ། གཤེན་གསང་བ་འདུས་བའི་(པའི)་ཐུགས་ཀྱི་བརྣག་པ་དབལ་བོན་སྟག་ལ་མེ་འབར་གྱི་ཐུགས་བཅུད་གསང་བ་སྔགས་ཀྱི་རྒྱལ་པོ་འདི་ལ། རྒྱས་བསྡུས་རྣམ་པ་གསུམ་དུ་གཏན་ལ་དབབ་ཅིང་། རྒྱས་པ་ལྷ་བོན་ཡོངས་སུ་དག་པས་དོན་རྒྱུད་རྒྱས་པའི་སྐོར་དུ་གསུངས་ཏེ། སྟེང་ལྷ་ཡུལ་དུ་གཏན་ལ་དབབ་པའོ། བསྡུས་པ་ཀླུ་གྲུབ་ཡེ་ཤེས་སྙིང་པོས་མན་ངག་སྒྲོན་མེ་གསང་བ་ཐུས་པའི་སྐོར་དུ་གསུངས་ཏེ། འོག་ཀླུ་ཡུལ་དུ་གཏན་ལ་ཕབས་སོ། འབྲིང་པོ་རྒྱལ་གཤེན་མི་ལུས་བསམ་ལེགས་ཀྱིས་ལུང་དོན་འབྲིང་པོ་སོར་བཞག་གི་སྐོར་དུ་བྱུང་ནས། བར་མི་ཡུལ་དུ་གཏན་ལ་དབབ་སྟེ། གཤེན་ནམ་མཁའ་སྣང་བ་མདོག་ཅན་ལ་བརྒྱུད་དོ། དེ་ནས་གདུང་རབས་རིམ་པར་བརྒྱུད་ནས། བླ་ཆེན་དྲན་པ་ནམ་མཁའ་ལ་སྤེལ་ཞིང་བསྒྱར་རོ། དུས་དེར་ནམ་མཁའ་སྟོང་པ་ལ། རླུང་གི་འཁོར་ལོས་དབང་བསྒྱུར་ཏེ། གཡུང་དྲུང་བོན་གྱི་བསྟན་པ་འཆར་ནུབ་ཀྱི་སྐབས་སུ། གྱེར་སྤུངས་དྲན་པས་སྲིད་པའི་རྒྱལ་མོ་ལ་གཉེར་དུ་གཏད་ཅིང་བཅོལ་ལོ། དེ་ནས་ཕྱིས་ཀྱི་དུས་སུ་སྡེ་བརྒྱད་འདུལ་བའི་དབལ་བོན་ཁྲོ་བོ་ལྷ་རྒོད་ཐོག་པས་བྱིན་གྱིས་བརླབས་པའི་བུ། སྟག་ལའི་ཐུགས་སྲས་དབྲ་ཁྱུང་སྔགས་འཆང་དབལ་འབར་སྟག་སླག་ཅན་ལ་སྙན་དུ་བརྒྱུད་ཅིང་བསྟན་པ་མི་ནུབ་དར་ཞིང་རྒྱས་པའི་རྒྱུ་ལགས་ཏེ། ཕྱི་རབས་སྒྲུབ་བརྩོན་རྗེས་འཇུག་རྣམས་ཀྱི་སྤྱོད་ཡུལ་གསང་བ་ཡང་དག་གི་བོན་ལགས་སོ།། bon 'di ni gsas mkhar rin po che spyi spungs kyi nang nas/ gab pa gsung mchog dbal chen thugs kyi yang gzir khro bo lha rgod thog pa'i phrin las ces bya ba/ ston pa ye shes gtsug phud kyis/ lung don rgyud lung man ngag bcud du dril ba/ bsnyen sgrub las kyi go rim du bstan pa lags so/ gshen gsang ba 'dus ba'i (pa'i) thugs kyi brnag pa dbal bon stag la me 'bar gyi thugs bcud gsang ba sngags kyi rgyal po 'di la/ rgyas bsdus rnam pa gsum du gtan la dbab cing / rgyas pa lha bon yongs su dag pas don rgyud rgyas pa'i skor du gsungs te/ steng lha yul du gtan la dbab pa'o/ bsdus pa klu grub ye shes snying pos man ngag sgron me gsang ba thus pa'i skor du gsungs te/ 'og klu yul du gtan la phabs so/ 'bring po rgyal gshen mi lus bsam legs kyis lung don 'bring po sor bzhag gi skor du byung nas/ bar mi yul du gtan la dbab ste/ gshen nam mkha' snang ba mdog can la brgyud do/ de nas gdung rabs rim par brgyud nas/ bla chen dran pa nam mkha' la spel zhing bsgyar ro/ dus der nam mkha' stong pa la/ rlung gi 'khor los dbang bsgyur te/ g.yung drung bon gyi bstan pa 'char nub kyi skabs su/ gyer spungs dran pas srid pa'i rgyal mo la gnyer du gtad cing bcol lo/ de nas phyis kyi dus su sde brgyad 'dul ba'i dbal bon khro bo lha rgod thog pas byin gyis brlabs pa'i bu/ stag la'i thugs sras dbra khyung sngags 'chang dbal 'bar stag slag can la snyan du brgyud cing bstan pa mi nub dar zhing rgyas pa'i rgyu lags te/ phyi rabs sgrub brtson rjes 'jug rnams kyi spyod yul gsang ba yang dag gi bon lags so//