གསས་མཁར་རིན་པོ་ཆེ་སྤྱི་སྤུངས་གབ་པ་གསུང་ཆེན་ཁྲོ་བོ་ལྷ་རྒོད་ཐོག་པའི་དམུ་ཡད་གཡང་གི་སྒྲུབ་པ gsas mkhar rin po che spyi spungs gab pa gsung chen khro bo lha rgod thog pa'i dmu yad g.yang gi sgrub pa
གསས་མཁར་རིན་པོ་ཆེ་སྤྱི་སྤུངས་གབ་པ་གསུང་ཆེན་ཁྲོ་བོ་ལྷ་རྒོད་ཐོག་པའི་དམུ་ཡད་གཡང་གི་སྒྲུབ་པ gsas mkhar rin po che spyi spungs gab pa gsung chen khro bo lha rgod thog pa'i dmu yad g.yang gi sgrub pa Bkt
Bkt7.12
གསས་མཁར་རིན་པོ་ཆེ་སྤྱི་སྤུངས་གབ་པ་གསུང་ཆེན་ཁྲོ་བོ་ལྷ་རྒོད་ཐོག་པའི་དམུ་ཡད་གཡང་གི་སྒྲུབ་པ gsas mkhar rin po che spyi spungs gab pa gsung chen khro bo lha rgod thog pa'i dmu yad g.yang gi sgrub pa
Location
set MW30498: volume stag slag lha rgod - folios 1a1-11a3
Colophon ཅེས་པའི་གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ཀྱི་ནང་ནས། གབ་པ་མངོན་ཕྱུང་གསུང་མཆོག་ལྷ་རྒོད་ཐོག་པའི་སྒྲུབ་པ་ལས། དངོས་གྲུབ་གཡང་གི་སྒྲབ་པ་འདི་ཡང། འཆི་མེད་ཡུམ་སྲས་གཤེན་གསུམ་ནས་གདུང་རབས་རིམ་པར་བརྒྱུད་ནས། བླ་ཆེན་དྲན་པ་ནམ་མཁའ་ལ་བརྒྱུད། གཤེན་པོ་དེ་ཡི་རིང་ལ། གཡུང་དྲུང་གི་བོན་རིན་པོ་ཆེ་ཡི་བསྟན་པ་གཏེར་དུ་གཤེགས། དུས་དེར་ཆ་གཅིག་དང་ར་ལ་སྦས། ཆ་གཅིག་ཐུགས་ལ་གབ། ཆ་གཅིག་སྲིད་པའི་རྒྱལ་མོ་ལ་གཉེར་དུ་གཏད། ཕྱིས་སུ་སྙིགས་དུས་ཀྱི་གདུལ་དཀའ་འདུལ་བའི་དབལ་བོན་ཁྲོ་བོ་ལྷ་རྒོད་ཐོག་པའི་ཐུགས་ལས་གྲོལ་བའི་བུ། དབལ་གཤེན་སྟག་སླག་ཅན་ལ་སྲིད་པའི་རྒྱལ་མོས་སྙན་དུ་བརྒྱུད་ནས་བསྟན་པ་མི་ནུབ་དར་བའི་རྒྱུ་ལགས་ཀྱང་། དབལ་གཤེན་དེ་ཉིད་གདུལ་བྱ་སྨིན་གྲོལ་རྒྱ་ཆེ་སྟབས། དུས་ངན་གྱི་འགྲོ་བ་རྣམས་ལས་འཕྲོ་ཞན་པ་སོགས་ཀྱིས་འཕྲོ་ལུས་སོང་བས། ཕྱིས་སུ་ཕྲན་རང་ལ་བོན་སྒོ་འདི་ཡི་གཉེར་གཏད་ཡང་ཡང་བྱུང་བ་དང་། མ་ཟད་གྱིམ་ཤོད་ཤེལ་བྲག་འཇལ་(མཇལ)་སྐབས་སྲིད་རྒྱལ་ཡུམ་ཆེན་ཁྲོས་མའི་ཚུལ་གྱིས་གསང་བའི་རག་ཏས་དམ་ཚིག་གི་བསྲེ་བ་མཛད་དེ་བཀའ་ཡི་བཀྱོན་པ་དང་བཅས་ཏེ་བརྒྱུད་པ་དང་། སྙིང་གྲོགས་ཤེས་རབ་ཕུན་ཚོགས་སོགས་གྲཝ་སློབ་འགའ་ཡིས་བསྐུལ་ངོར། གསང་སྔགས་སྨིན་གྲོལ་གླིང་དུ། 7གཡུང་དྲུང་གྲགས་པ་བསྟན་པའི་རྒྱལ་མཚན་འབོད་པ་བདག་གིས། ས་སྦྲུལ་ལོར་གཏན་ལ་ཕབ་སྟེ། ཤོག་སེར་ལ་འབྲི་བ་པོ་ནི་ས་ཏྲིག་མིང་གིས་བྲིས་པའོ།། ces pa'i gsas mkhar rin po che spyi spungs kyi nang nas/ gab pa mngon phyung gsung mchog lha rgod thog pa'i sgrub pa las/ dngos grub g.yang gi sgrab pa 'di yang/ 'chi med yum sras gshen gsum nas gdung rabs rim par brgyud nas/ bla chen dran pa nam mkha' la brgyud/ gshen po de yi ring la/ g.yung drung gi bon rin po che yi bstan pa gter du gshegs/ dus der cha gcig dang ra la sbas/ cha gcig thugs la gab/ cha gcig srid pa'i rgyal mo la gnyer du gtad/ phyis su snyigs dus kyi gdul dka' 'dul ba'i dbal bon khro bo lha rgod thog pa'i thugs las grol ba'i bu/ dbal gshen stag slag can la srid pa'i rgyal mos snyan du brgyud nas bstan pa mi nub dar ba'i rgyu lags kyang / dbal gshen de nyid gdul bya smin grol rgya che stabs/ dus ngan gyi 'gro ba rnams las 'phro zhan pa sogs kyis 'phro lus song bas/ phyis su phran rang la bon sgo 'di yi gnyer gtad yang yang byung ba dang / ma zad gyim shod shel brag 'jal (mjal) skabs srid rgyal yum chen khros ma'i tshul gyis gsang ba'i rag tas dam tshig gi bsre ba mdzad de bka' yi bkyon pa dang bcas te brgyud pa dang / snying grogs shes rab phun tshogs sogs grwa slob 'ga' yis bskul ngor/ gsang sngags smin grol gling du/ 7g.yung drung grags pa bstan pa'i rgyal mtshan 'bod pa bdag gis/ sa sbrul lor gtan la phab ste/ shog ser la 'bri ba po ni sa trig ming gis bris pa'o//