གབ་པ་གསུང་ཆེན་ཁྲོ་བོ་ལྷ་རྒོད་ཐོག་པའི་ལས་རིམ་གྱི་ཕྱག་ལེན་གློག་ཞགས་མེ་ཕྲེང gab pa gsung chen khro bo lha rgod thog pa'i las rim gyi phyag len glog zhags me phreng
གབ་པ་གསུང་ཆེན་ཁྲོ་བོ་ལྷ་རྒོད་ཐོག་པའི་ལས་རིམ་གྱི་ཕྱག་ལེན་གློག་ཞགས་མེ་ཕྲེང gab pa gsung chen khro bo lha rgod thog pa'i las rim gyi phyag len glog zhags me phreng Bkt
Bkt7.7
གབ་པ་གསུང་ཆེན་ཁྲོ་བོ་ལྷ་རྒོད་ཐོག་པའི་ལས་རིམ་གྱི་ཕྱག་ལེན་གློག་ཞགས་མེ་ཕྲེང gab pa gsung chen khro bo lha rgod thog pa'i las rim gyi phyag len glog zhags me phreng
Location
set MW30498: volume stag slag lha rgod - folios 1a1-56b1
Colophon དེ་ཡང་སྤྱི་སྤུངས་སྐོར་གསུམ་གྱི་ནང་ནས་གསུང་མངོན་དུ་གྱུར་བའི་ཁྲོ་བོ་ལྷ་རྒོད་ཐོག་པའི་ལས་རིམ་གྱི་བསྙེན་སྒྲབ་ལས་ཀྱི་གོ་རིམ་བསྡུས་དོན་ཉམས་སུ་ལེན་པའི་ཕྱག་ལེན་གསལ་བྱེད་གློག་ཞགས་མེ་ཡི་ཕྲེང་བ་ཞེས་བྱ་བ་འདི་ཡང་། ཁོ་བོ་རང་གི་སློབ་དཔོན་དུ་གྱུར་བའི་མཁས་པའི་ནོར་ལ་དབང་བའི་དགེ་རྒན་ལུང་རྟོགས་བོན་གྱི་ཕྱུག་པའི་སྙིང་བུ་སྐྱེ་བ་སྔོན་ནས་བསྟན་འགྲོའི་གྲོགས་པོ་ནས་བསྐུལ་བ་ལ་བརྟེན་ནས། རང་ཡང་ཐོས་བསམ་ནི་རྒྱ་ཆུང་ཞིང་ལུང་རིག་གི་མིག་རྩ་ཞེན། བློ་གྲོས་ཀྱི་སྤོབས་པ་ཆུང་སྟབས། གསང་སྔགས་ཟབ་མོའི་དགོངས་དོན་རྟོགས་དཀའ་རུང*། སྔོན་གྱི་ལོ་པན་མཁས་པ་མི་བཞིའི་ཕྱག་ལེན་མར་ཞི་གསེར་ཞུན་ལྟ་བུ་གསང་སྔགས་ཀྱི་རྒྱུད་གང་ཟབ་དང་། གངས་ཅན་བསྟན་པའི་སྒྲོན་མེ་མཁས་གྲུབ་བྱེ་བའི་གཙུག་གི་ནོར་བུའི་རྒྱན་བོན་གྱི་སྤྱན་ལྡན་ཆེན་པོ་འ་ཞ་བློ་གྲོས་རྒྱལ་མཚན་དང*། འཛམ་གླིང་བྱེ་བ་ཕྲག་བརྒྱར་སྤྲུལ་སྐུ་བྱེ་བ་ཕྲག་བརྒྱའི་ཁྱུ་མཆོག་པ། གངས་ཅན་ཞིང་འདིར་མཚན་ཡོངས་སུ་གྲགས་ཤིང་ཕྱོགས་ཀྱི་མུ་ཁྱུད་ཁྱབ་པའི་བདག་ཉིད་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་སོགས་ཀྱི་ཕྱག་ལེན་དགོངས་དོན་གཞིར་བཞག་སྟེ། ཡང་སྙིང་བཅུད་དུ་དྲིལ་བ་འདི་ཡང་། ལྔ་སྙིགས་གདུལ་དཀའ་འདུལ་མཛད་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་དྲང་སྲོང་སྨོན་ལམ་རྒྱལ་མཚན་གྱི་ཞབས་རྡུལ་སྤྱི་བོར་ལེན་པའི་ཁོ་བོ་རྒྱལ་བ་མཉམ་མེད་ཆེན་པོའི་རིངས་(རིང)་ལུགས་རྨ་མེད་སྐྱོང་ཁུལ་པ། གདུང་རྒྱུད་རྒྱལ་པོ་དྲུག་གི་ནང་ནས་རྒོད་རྗེ་རྒྱ་ཡི་རུས་འཐོབ་ཞིག་པོ་བཅོ་བརྒྱད་ཀྱི་ནང་ནས་ཤེལ་ཞིག། བོན་སྒོ་འདི་ཡི་བསྟན་པའི་གསལ་བྱེད་པ། ཚེ་དབང་བདེ་ཆེན་སྙིང་པོའམ་གཡུང་དྲུང་གྲགས་པ་བསྟན་པའི་རྒྱལ་མཚན་དབང་གི་རྒྱལ་པོར་འབོད་པ་བདག་གིས། ལེགས་སྦྱར་སམ་སྐྲི་ཏའི་སྐད་དུ་ཤུཀླར། སྟོད་འགྲེལ་བོད་ཡུལ་གྱི་དུ་དཀར་པོད། མ་ཧ་ཙི་ནའི་སྐད་དུ་གྱ་ཟི་དབང་ཐང་དང་བསྟུན་པའི་ས་སྦྲུལ་དགའ་བའི་ཚེས་ལ། ཤར་གྲོལ་སྨིན་གླིང་གི་རབ་གསལ་ཉི་འོད་ཁང་དུ་བསྒྲིགས་པའོ།། de yang spyi spungs skor gsum gyi nang nas gsung mngon du gyur ba'i khro bo lha rgod thog pa'i las rim gyi bsnyen sgrab las kyi go rim bsdus don nyams su len pa'i phyag len gsal byed glog zhags me yi phreng ba zhes bya ba 'di yang / kho bo rang gi slob dpon du gyur ba'i mkhas pa'i nor la dbang ba'i dge rgan lung rtogs bon gyi phyug pa'i snying bu skye ba sngon nas bstan 'gro'i grogs po nas bskul ba la brten nas/ rang yang thos bsam ni rgya chung zhing lung rig gi mig rtsa zhen/ blo gros kyi spobs pa chung stabs/ gsang sngags zab mo'i dgongs don rtogs dka' rung*/ sngon gyi lo pan mkhas pa mi bzhi'i phyag len mar zhi gser zhun lta bu gsang sngags kyi rgyud gang zab dang / gangs can bstan pa'i sgron me mkhas grub bye ba'i gtsug gi nor bu'i rgyan bon gyi spyan ldan chen po 'a zha blo gros rgyal mtshan dang*/ 'dzam gling bye ba phrag brgyar sprul sku bye ba phrag brgya'i khyu mchog pa/ gangs can zhing 'dir mtshan yongs su grags shing phyogs kyi mu khyud khyab pa'i bdag nyid rgyal ba gnyis pa mnyam med shes rab rgyal mtshan sogs kyi phyag len dgongs don gzhir bzhag ste/ yang snying bcud du dril ba 'di yang / lnga snyigs gdul dka' 'dul mdzad mkhyen brtse nus gsum gyi bdag nyid drang srong smon lam rgyal mtshan gyi zhabs rdul spyi bor len pa'i kho bo rgyal ba mnyam med chen po'i rings (ring) lugs rma med skyong khul pa/ gdung rgyud rgyal po drug gi nang nas rgod rje rgya yi rus 'thob zhig po bco brgyad kyi nang nas shel zhig/ bon sgo 'di yi bstan pa'i gsal byed pa/ tshe dbang bde chen snying po'am g.yung drung grags pa bstan pa'i rgyal mtshan dbang gi rgyal por 'bod pa bdag gis/ legs sbyar sam skri ta'i skad du shuklar/ stod 'grel bod yul gyi du dkar pod/ ma ha tsi na'i skad du gya zi dbang thang dang bstun pa'i sa sbrul dga' ba'i tshes la/ shar grol smin gling gi rab gsal nyi 'od khang du bsgrigs pa'o//