Colophon གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ཀྱི་ལས་ཁ། དབལ་མོ་ལས་ཀྱི་ཐིག་ལེའི་ཆ་ལག་ཟློག་པ་འཁོར་ལོ་སྟོང་ཁྱབ་ཀྱི་བློ་ལྡེག་རྡེག་བསད་པ་ལྕགས་ཀྱུ་འཕྲུལ་གསལ་གྱི་ཟུར་བྱང་། སྦྱིན་སྲེག་གསལ་བ་འོད་རྒྱན་གྱི་རྣོ་མདེལ། བསྙེན་སྒྲུབ་ལས་ཀྱི་ཁ་ཚར། བརྣག་པ་ལས་ཀྱི་སྒྲོལ་བྱང*། འགུག་སྒྲོལ་བསྟབ་པའི་འཕྲིན་ལས་ཞེས་བྱ་བ། རིམ་པར་བརྒྱུད་ནས་ཀླུ་གྲུབ་ཡེ་ཤེས་སྙིང་པོས་མན་ངག་ཟབ་ཐུས་ཀྱི་སྐོར་དུ་གསུངས་ནས་རིམ་པར་བརྒྱུད་དེ། ཕྱིས་བླ་ཆེན་དྲན་པ་ནམ་མཁས་རྗེ་བློན་སྟང་གསུམ་ར་སངས་ཁོད་རམ་དང་བཞི་ལ་གསུངས་པའི་ནང་ནས། སྟང་ཆེན་དམུ་ཚ་གྱེར་མེད་ཀྱིས་ས་སྤྲེལ་ལོ་རྒྱལ་ཉ་ཡི་ནུབ་མོར། བདག་བཙུན་པ་ཀུན་དགའ་ཚུལ་ཁྲིམས་ལ་བརྒྱུད་དེ་མེ་སྟག་ལོར་གཏན་ལ་ཕབ་པས། དགྲ་བགེགས་རྩད་ནས་བརླག་པར་ཤོག། gsas mkhar rin po che spyi spungs kyi las kha/ dbal mo las kyi thig le'i cha lag zlog pa 'khor lo stong khyab kyi blo ldeg rdeg bsad pa lcags kyu 'phrul gsal gyi zur byang / sbyin sreg gsal ba 'od rgyan gyi rno mdel/ bsnyen sgrub las kyi kha tshar/ brnag pa las kyi sgrol byang*/ 'gug sgrol bstab pa'i 'phrin las zhes bya ba/ rim par brgyud nas klu grub ye shes snying pos man ngag zab thus kyi skor du gsungs nas rim par brgyud de/ phyis bla chen dran pa nam mkhas rje blon stang gsum ra sangs khod ram dang bzhi la gsungs pa'i nang nas/ stang chen dmu tsha gyer med kyis sa sprel lo rgyal nya yi nub mor/ bdag btsun pa kun dga' tshul khrims la brgyud de me stag lor gtan la phab pas/ dgra bgegs rtsad nas brlag par shog/