Colophon གསས་མཁར་སྤྱི་སྤུངས་མདེལ་ཁ་ལས། བདེ་འགྲོ་གསང་ཡུམ་ལས་བྱ་ལ། བྱེ་བྲག་རིམ་པ་མང་ལགས་ཀྱང*། བདུད་མོའི་སྲོག་གི་གཟེར་བུ་འདི། ཀུན་གྱི་ཡང་སྙིང་བཅུད་ཕྱུང་ཡིན། རིམ་ནས་རིམ་པར་བརྒྱུད་ནས་སུ། བླ་ཆེན་དྲན་པ་ནམ་མཁའ་ཡིས། ཆ་ལག་ཐམས་ཅད་གཏེར་ལ་སྦས། གསང་མདོས་རྒྱན་མདོས་ཟློག་མདོས་གསུམ། མན་ངག་ཟབ་ཐིག་ཡང་ཐིས་(ཐིག)་གསུམ། འཁོར་ལོ་གསང་སྒྲུབ་ཁོལ་བུ་གསུམ། དེ་རྣམས་གསང་བྲག་རྒྱ་བོར་སྦས། སྦྱིན་སྲེག་སྐོང་བ་ལས་ཁ་གསུམ། ལྡེ་མིག་སྒྲོམ་བུ་བྱ་ཐབས་གསུམ། རྣིལ་གྱི་མཛོ་ལྡེ་ཡུ་བོར་སྦས། བདུད་མོའི་སྲོག་གི་གཟེར་བུ་འདི། ར་སང་ཁོད་རམ་ཉིད་ལ་གནང་། དེ་ཡིས་བདག་ལ་བརྒྱུད་པའོ། ཞེས་འཆི་མེདགཙུག་ཕུད་ཀྱི་ལས་མཁན། གསང་བ་འདུས་པའི་ཕྱག་ཆ། སྟག་ལ་མེ་འབར་གྱི་བརྣག་པ། དབལ་གསས་གསང་བའི་ལས་མཐའ། གཡུང་དྲུང་བོན་གྱི་བཀའ་སྲུང་ལེགས་སོ།། gsas mkhar spyi spungs mdel kha las/ bde 'gro gsang yum las bya la/ bye brag rim pa mang lags kyang*/ bdud mo'i srog gi gzer bu 'di/ kun gyi yang snying bcud phyung yin/ rim nas rim par brgyud nas su/ bla chen dran pa nam mkha' yis/ cha lag thams cad gter la sbas/ gsang mdos rgyan mdos zlog mdos gsum/ man ngag zab thig yang this (thig) gsum/ 'khor lo gsang sgrub khol bu gsum/ de rnams gsang brag rgya bor sbas/ sbyin sreg skong ba las kha gsum/ lde mig sgrom bu bya thabs gsum/ rnil gyi mdzo lde yu bor sbas/ bdud mo'i srog gi gzer bu 'di/ ra sang khod ram nyid la gnang / de yis bdag la brgyud pa'o/ zhes 'chi medagatsug phud kyi las mkhan/ gsang ba 'dus pa'i phyag cha/ stag la me 'bar gyi brnag pa/ dbal gsas gsang ba'i las mtha'/ g.yung drung bon gyi bka' srung legs so// Bkt7.30
བདུད་མོ་སྲོག་གི་གཟེར་བུ bdud mo srog gi gzer bu
Location
set MW30498: volume stag slag lha rgod - folios 1a1-10a3
Colophon གསས་མཁར་སྤྱི་སྤུངས་མདེལ་ཁ་ལ། བདེ་འགྲོ་གསང་ཡུམ་ལས་བྱང་ལས། བྱེ་བྲག་རིམ་པ་མང་ལགས་ཀྱང་། བདུད་མོ་སྲོག་གི་གཟེར་བུ་ལས། བྱེ་བྲག་རིམ་པ་མང་ལགས་ཀྱང་། བདུད་མོ་སྲོག་གི་གཟེར་བུ་འདི། ཀུན་གྱི་ཡང་སྙིང་བཅུད་ཕྱུང་ཞིང་། རིམ་ནས་རིམ་པར་བརྒྱུད་ནས་སུ། བླ་ཆེན་དྲན་པ་ནམ་མཁའ་ཡིས། ཆ་ལག་ཐམས་ཅད་གཏེར་དུ་བཞག། གསང་མདོས་རྒྱལ་མདོས་བཟློག་མདོས་གསུམ། མན་ངག་ཟབ་ཐིག་ཡང་སྙིང་གསུམ། འཁོར་ལོ་གསང་སྒྲབ་ཁོལ་བུ་གསུམ། དེ་རྣམས་གསང་བྲག་རྒྱ་བོར་སྦས། སྦྱིན་སྲེག་བསྐང་(སྐོང)་བ་ལ་གསུམ། ལྡེ་མིག་སྒྲོལ་བུ་བྱ་ཐབས་གསུམ། རྣིལ་གྱི་མཛོད་སྡེ་ཡུ་བོར་སྦས། བདུད་མོ་སྲོག་གི་གཟེར་བུ་འདི། ར་སངས་ཁོད་རམ་ཉིད་ལ་གནང*། དེ་ཡིས་བདག་ལ་བརྒྱུད་པའོ། ཞེས་འཆི་མེད་གཙུག་ཕུད་ཀྱི་ལས་མཁན། གསང་བ་འདུས་པའི་ཕྱག་ཆ། སྟག་ལ་མེ་འབར་གྱི་བརྣག་པ། དབལ་གསས་གསང་བའི་ལས་མཐའ། གཡུང་དྲུང་བོན་གྱི་བཀའ་སྲུང་ལགས་སོ།། gsas mkhar spyi spungs mdel kha la/ bde 'gro gsang yum las byang las/ bye brag rim pa mang lags kyang / bdud mo srog gi gzer bu las/ bye brag rim pa mang lags kyang / bdud mo srog gi gzer bu 'di/ kun gyi yang snying bcud phyung zhing / rim nas rim par brgyud nas su/ bla chen dran pa nam mkha' yis/ cha lag thams cad gter du bzhag/ gsang mdos rgyal mdos bzlog mdos gsum/ man ngag zab thig yang snying gsum/ 'khor lo gsang sgrab khol bu gsum/ de rnams gsang brag rgya bor sbas/ sbyin sreg bskang (skong) ba la gsum/ lde mig sgrol bu bya thabs gsum/ rnil gyi mdzod sde yu bor sbas/ bdud mo srog gi gzer bu 'di/ ra sangs khod ram nyid la gnang*/ de yis bdag la brgyud pa'o/ zhes 'chi med gtsug phud kyi las mkhan/ gsang ba 'dus pa'i phyag cha/ stag la me 'bar gyi brnag pa/ dbal gsas gsang ba'i las mtha'/ g.yung drung bon gyi bka' srung lags so//