Colophon གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ཀྱི་ནང་ནས། སྐོང་བཤགས་ཡེ་ཤེས་ཀུན་ཁྱབ་ཞེས་བྱ་བ། ཐུགས་དམ་རྒྱུད་ནས་བསྐང་བའི་ལས་ཁ། སྒྲུབ་པའི་འཕྲིན་ལས་དོན་གྱི་ཟུར་བྱང་། ཆགས་ཉམས་བསྐང་ཞིང་བཤགས་པའི་ཆ་རྐྱེན། ཡུམ་སྲས་གཤེན་གསུམ་གྱི་ལུང་དོན། སྟག་ལ་མེ་འབར་གྱི་ཐུགས་དམ། རིག་འཛིན་བརྒྱུད་པའི་ཐུགས་བཅུད། སྟང་ཆེན་དམུ་ཚའི་དངོས་གྲུབ་འདི། ཀུན་དགའ་ཚུལ་ཁྲིམས་བདག་ལ་བརྒྱུད། ཞིག་མཆོག་བླ་མས་བསྐུལ་བའི་ངོར། དཀར་ཆག་ཡི་གེ་རིས་སུ་བྲིས། ཉེས་འགལ་མཆིས་ན་བཟོད་གསོལ་བཞེས། དགེ་བས་འགྲོ་ལ་ཕན་ཐོག་ཤོག། gsas mkhar rin po che spyi spungs kyi nang nas/ skong bshags ye shes kun khyab zhes bya ba/ thugs dam rgyud nas bskang ba'i las kha/ sgrub pa'i 'phrin las don gyi zur byang / chags nyams bskang zhing bshags pa'i cha rkyen/ yum sras gshen gsum gyi lung don/ stag la me 'bar gyi thugs dam/ rig 'dzin brgyud pa'i thugs bcud/ stang chen dmu tsha'i dngos grub 'di/ kun dga' tshul khrims bdag la brgyud/ zhig mchog bla mas bskul ba'i ngor/ dkar chag yi ge ris su bris/ nyes 'gal mchis na bzod gsol bzhes/ dge bas 'gro la phan thog shog/