Colophon གསས་མཁར་རིན་པོ་ཆེ་སྤྱི་སྤུངས་ཀྱི་ནང་ནས། ཡང་གསང་སྐུ་ཡི་བརྣགས་(བརྣག)་པ་ཁྲོ་བོ་རྩོད་པ་ཟློག་པའི་བཅུད་བསྡུད་(བསྡུས)་པ། དབལ་གསས་ཐུགས་ཀྱི་གསང་སྒྲུབ་ཡིད་བཞིན་ནོར་བུ་ཞེས་བྱ་བ་འདི། གཤེན་འཆི་མེད་གཙུག་ཕུད་ཀྱི་ལུང་དོན། གསང་བ་འདུས་པའི་ཐུགས་ཀྱི་བརྣག་པ། དབལ་བོན་སྟག་ལ་མེ་འབར་གྱི་ཐུགས་བཅུད། འདི་ལ་རྒྱས་བསྡུས་གསུམ་དུ་ཕྱེས་ཏེ། དེ་ཡི་ནང་ནས་བཅུད་དུ་ཕྱུང་ནས་མན་ངག་སྒྲོན་མ་ཟབ་ཐུས་འདི། ཀླུ་གྲུབ་ཡེ་ཤེས་སྙིང་པོས་འོག་ཀླུ་ཡུལ་དུ་གཏན་ལ་ཕབ་ནས། ནམ་མཁའ་སྣང་བ་མདོག་ཅན་ལ་བརྒྱུད། དེ་ནས་རིམ་པར་བརྒྱུདནས་བླ་ཆེན་དྲན་པ་ནམ་མཁའ་ལ་བརྒྱུད། དེ་ནས་བོན་ཆོས་དར་ནུབ་ཀྱི་དུས་སུ། བླ་ཆེན་གྱིས་བྱེ་བྲག་མང་པོར་ཕྱེས་ཏེ། ཞི་བ་རིན་ཆེན་འཕྲུལ་གསལ་དང་། སྐབས་འཕྲིན་མན་ངག་དགུ་སྐོར། རྩ་རྒྱུད་ལྟ་བའི་སྒྲོན་མ། དབང་ཁྲིད་ཡེ་ཤེས་མེ་ལོང་། ཞུགས་མར་ཉི་མའི་དཀྱིལ་འཁོར། ངོ་སྤྲོད་རིག་པ་གཅེར་མཐོང་དང་དྲུག་རྗེ་ཆེན་ལྷ་སྒོམ་ལ་གཏད་དོ། ཡང་གསང་གབ་པའི་མན་ངག་སྦྱིན་སྲེག་གསལ་བ་འོད་རྒྱན། བསད་པ་ལྕགས་ཀྱུ་འཕྲུལ་གསལ། དབལ་མོ་སྲོག་གི་ལས་ཐིག་སྲུང་བ་རིན་ཆེན་གོ་ཆ་དང་ལྔ་བློན་ཆེན་མུ་ཐུར་ལ་གནང*། ཕྱཝ་ཚེ་གཡུང་དྲུང་འཁྱིལ་པ། བྷན་ཟློག་དབལ་རིང་རྔམ་པ། ཡུམ་སྲས་སྡེ་ལྔའི་བྱང་བུ། བདུད་མོ་སྲོག་གི་གཟེར་བུ། སྐོང་མདོས་མཁའ་དབྱིངས་རོལ་པ། གླུད་མདོས་ལྷ་འདྲེ་ཀུན་ཚིམ་དང་དྲུག་ར་སང་ཁོད་རམ་ལ་གསུངས་སོ། ཁ་འཐོར་གྱི་ལེའུ་བཅུ་བཞི་རྒྱུང་སྲུབ་ལ་སྦས། རྒྱུད་ཆེན་སྡེ་དྲུག་དྭང་ར་ལ་སྦས། མདེལ་ཁ་གསུམ་ཞལ་བཟང་ལ་སྦས། གནད་བཞི་ལྷ་རི་གྱང་ཐོ་ལ་སྦས། ལས་ཐིག་སྤུ་གྲི་རེག་གཅོད་ལེའུ་བཅུ་བདུན་ཤེ་ལེ་རྫོང་དྲུག་ལ་སྦས་སོ། གསང་སྒྲུབ་ཡིད་བཞིན་ནོར་བུ་འདི་དང*། ཐུགས་རྒྱུད་ཏི་ཀ་གཡུ་རྫོང་། སྐོང་བ་ཡེ་ཤེས་ཀུན་ཁྱབ། དབང་ཆོག་གཡུང་དྲུང་སྒྲོན་གསལ། ཚེ་སྒྲུབ་ཚེ་ལུང་ཡང་ཐིག་ཟློག་པ་འཁོར་ལོ་སྟོང་ཁྱབ། དབལ་མོ་ལས་ཀྱི་རྩོད་ཟློག་གྱད་དམག་རྒྱལ་པོའི་དཔུང་ཟློག་བརྣག་པ་ལས་ཀྱི་སྒྲོལ་བྱང་། མན་ངག་རིན་ཆེན་སྒྲོམ་བུ་དང་བཅུ་སྟང་ཆེན་དམུ་ཚ་གྱེར་མེད་ལ་གནང*། དེས་ངེས་མེད་སྤྲང་བཙུན་ཀུན་དགའ་ཚུལ་ཁྲིམས་བདག་ལ་དངོས་གྲུབ་ཏུ་གནང་བ་བཞིན་དུ། gsas mkhar rin po che spyi spungs kyi nang nas/ yang gsang sku yi brnags (brnag) pa khro bo rtsod pa zlog pa'i bcud bsdud (bsdus) pa/ dbal gsas thugs kyi gsang sgrub yid bzhin nor bu zhes bya ba 'di/ gshen 'chi med gtsug phud kyi lung don/ gsang ba 'dus pa'i thugs kyi brnag pa/ dbal bon stag la me 'bar gyi thugs bcud/ 'di la rgyas bsdus gsum du phyes te/ de yi nang nas bcud du phyung nas man ngag sgron ma zab thus 'di/ klu grub ye shes snying pos 'og klu yul du gtan la phab nas/ nam mkha' snang ba mdog can la brgyud/ de nas rim par brgyudanas bla chen dran pa nam mkha' la brgyud/ de nas bon chos dar nub kyi dus su/ bla chen gyis bye brag mang por phyes te/ zhi ba rin chen 'phrul gsal dang / skabs 'phrin man ngag dgu skor/ rtsa rgyud lta ba'i sgron ma/ dbang khrid ye shes me long / zhugs mar nyi ma'i dkyil 'khor/ ngo sprod rig pa gcer mthong dang drug rje chen lha sgom la gtad do/ yang gsang gab pa'i man ngag sbyin sreg gsal ba 'od rgyan/ bsad pa lcags kyu 'phrul gsal/ dbal mo srog gi las thig srung ba rin chen go cha dang lnga blon chen mu thur la gnang*/ phywa tshe g.yung drung 'khyil pa/ b+han zlog dbal ring rngam pa/ yum sras sde lnga'i byang bu/ bdud mo srog gi gzer bu/ skong mdos mkha' dbyings rol pa/ glud mdos lha 'dre kun tshim dang drug ra sang khod ram la gsungs so/ kha 'thor gyi le'u bcu bzhi rgyung srub la sbas/ rgyud chen sde drug dwang ra la sbas/ mdel kha gsum zhal bzang la sbas/ gnad bzhi lha ri gyang tho la sbas/ las thig spu gri reg gcod le'u bcu bdun she le rdzong drug la sbas so/ gsang sgrub yid bzhin nor bu 'di dang*/ thugs rgyud ti ka g.yu rdzong / skong ba ye shes kun khyab/ dbang chog g.yung drung sgron gsal/ tshe sgrub tshe lung yang thig zlog pa 'khor lo stong khyab/ dbal mo las kyi rtsod zlog gyad dmag rgyal po'i dpung zlog brnag pa las kyi sgrol byang / man ngag rin chen sgrom bu dang bcu stang chen dmu tsha gyer med la gnang*/ des nges med sprang btsun kun dga' tshul khrims bdag la dngos grub tu gnang ba bzhin du/